ང་ལ་འབྲེལ་གཏུག་གནང་རོགས།

ངོ་སྤྲོད་།

ཀུ་ཤུ་ཁ་པར་ནང་འཛོམས་ཇི་ལྟར་ཕབ་ལེན་དང་ནང་འཇུག་ཐད་ཀྱི་བརྙན་ལམ་གྱི་སློབ་སྟོན།

༡༽ ཀུ་ཤུ་ཁ་པར་ནང་འཛོམས་ཕབ་ལེན་དང་ནང་འཇུག་བྱེད་སྟངས།

འབྲེལ་ཐག་འདིའི་སྟེང་ལ་བསྣུན་ཏེ་ཕབ་ལེན་བྱོས། https://apps.apple.com/cn/app/zom-mobile-messenger/id1059530167

༢༽ སྐད་ཡིག་གདམ་གསེས།

༣༽ འཛོམས་ཀྱི་མིང་བྱང་གསར་བཟོ།

༤༽ འཕྲིན་ཐུང་གསར་བའི་འབྱོར་བརྡ།

༥༽ གྲོགས་པོ་གསར་སྣོན།

༦༽ ང་དང་གླེང་མོལ་གྱི་འགོ་རྩོམ་སྟངས་།

༧ ༽ གཙོ་ངོས།

༡ ༽   གླེང་མོལ།

༢ ༽   གྲོགས་པོ།

༣ ༽  གསར་རྙེད་།

༤ ༽   ང་།

  ༤.༡ ༽   ཁྱེད་ཀྱི་འཛོམས་ཀྱི་ཨང་གྲངས་རེད།

  ༤.༢ ༽   ཁྱེད་ཀྱི་འཛོམས་ཀྱི་མིང་བྱང་ ID རེད།

    ཁྱེད་ཀྱིས་སོ་སོའི་འཛོམས་ཀྱི་ཨང་གྲངས་དང་མིང་བྱང་ID གང་རུང་དྲ་གྲོགས་ཚོར་བསྐུར་ཏེ། འཛོམས་ནང་དུ་གྲོགས་པོ་བསྒྲིག་ཆོག

  ༤.༣ ༽   འདི་ནས་གསང་གྲངས་བརྗེ་ཆོག

འཛོམས་ཇི་ལྟར་བཀོལ་སྤྱོད་བྱེད་པ་དང་དེའི་རྣམ་གྲངས་གཞན་ཁག་ཤེས་འདོད་ན་འཛོམས་ཀྱི་གཞུང་ཕྱོགས་དྲ་རྒྱ་ལ་ཕེབས་རོགས།

  • གལ་ཏེ། ཁྱེད་ཀྱིས་ཁ་པར་གང་དུ་བཞག་པ་ཧ་མ་གོ་བའམ། བོར་བརླག་བྱུང་རྗེས། ཁ་པར་རྙེད་མཁན་གྱི་མི་ལ་འཛོམས་བཀོལ་ཆས་ནང་གི་ཆ་འཕྲིན་རིགས་ལྟ་ཀློག་བྱེད་དུ་འཇུག་འདོད་མེད་ཚེ། ཁ་པར་གཞན་པ་ཞིག་གི་སྟེང་དུ་འཛོམས་ནང་འཇུག་བྱས་རྗེས། རང་ཉིད་ཀྱི་འཛོམས་ཀྱི་ཐོ་འགོད་མིང་དང་གསང་ཚིག་གཅིག་པ་བེད་སྤྱད་དེ་འཛོམས་བཀོལ་ཆས་ནང་འཛུལ་ཆོག
  • དེ་ནས། ཁྱེད་རང་གི་འཛོམས་བཀོལ་ཆས་ནང་གི་སྒེར་གྱི་ཡིག་ཆའི་ཁོངས་སུ་ཕྱིན་ཏེ། རང་ཉིད་ཀྱི་གསང་ཚིག་བརྗེ་ཆོག དེ་ལྟར་བྱས་ཚེ། བོར་བརླག་ཕྱིན་པའི་ཁ་པར་ནང་གི་འཛོམས་བཀོལ་ཆས་ཁོངས་ནས་ཁྱེད་རང་ཕྱི་རུ་འབུད་ཐུབ་ཀྱི་ཡོད།
  • * དྲན་དགོས་པ་ཞིག་ལ། འཛོམས་ནང་བཏང་བའི་ཡིག་ཆ་རིགས་ཁྱེད་རང་ངོས་ནས་ཁ་པར་ནང་ཉར་ཚགས་བྱས་ན་མ་གཏོགས། དེ་དག་འཛོམས་བཀོལ་ཆས་ཀྱིས་ཁ་པར་ནང་གི་པར་མཛོད་དང་ཡིག་སྣོད་སོགས་ཀྱི་ནང་དུ་ཉར་ཚགས་མི་བྱེད། ཁྱེད་རང་འཛོམས་བཀོལ་ཆས་ཀྱི་ནང་ནས་ཕྱི་ལ་ཐོན་ཚར་ན། ཁ་པར་རྙེད་མཁན་གྱིས་འཛོམས་ནང་གི་འབྲེལ་མཐུད་ཀྱི་བརྒྱུད་རིམ་ཁྲོད་དུ་བཏང་བའི་ཡིག་ཆ་དང་པར་རིས་སོགས་ལ་ལྟ་མི་ཐུབ།